SEARCH DATABASE
The Global Gender Equality Constitutional Database is a repository of gender equality related provisions in 194 constitutions from around the world. The Database was updated in partnership with the International Bar Association's Human Rights Institute (IBAHRI) and with support from the Swedish International Development Agency (SIDA) and the Government of Japan. Experience its wealth and depth of information by starting your search now.
Legislature
- English
1. The National Assembly shall have a maximum of fifty-five members, elected from each Dzongkhag in proportion to its population, provided that no Dzongkhag shall have less than two members or more than seven members, for which purpose Parliament shall, by law, provide for each Dzongkhag to be divided into constituencies through appropriate delimitation, and for the voters in each constituency directly electing one member to the National Assembly.
... (Art. 12) - Dzongkha
༡) འབྲུག་གི་རྒྱལ་ཡོངས་ཚོགས་འདུ་འདི་ནང་ མི་རློབས་ཀྱི་ཆ་ཚད་དང་བསྟུན་རྫོང་ཁག་ཚུ་ལས་ བཙག་འཐུ་ གྲུབ་པའི་ འཐུས་མིའི་གྲངས་བསྡོམས་མཐོ་ཤོས་ལྔ་བཅུ་ང་ལྔ་འོང་དགོཔ་ཨིན་ དེ་ཡང་ རྫོང་ཁག་གཅིག་ལུ་ འཐུས་མི་ གཉིས་ལས་ མ་ཉུངམ་ཅིག་དང་ བདུན་ལས་མ་ལྷགཔ་ཅིག་ ཡོད་དགོ་པའི་ཁར་ དེའི་དོན་ལུ་ སྤྱི་ཚོགས་ཀྱིས་ འོས་འཚམས་ལྡན་པའི་ བཅད་མཚམས་བཟོ་སྟེ་ རྫོང་ཁག་རེ་རེ་བཞིན་དུ་འདེམས་ཁོངས་ཚུ་ལུ་དཔྱ་བགོ་རྐྱབ་ཐངས་དང་ རྒྱལ་ཡོངས་ཚོགས་འདུའི་ནང་ འདེམས་ཁོངས་རེའི་ཚོགས་རྒྱན་སྐྱུར་མི་ཚུ་གིས་ འཐུས་མི་རེ་ཐད་ཀར་དུ་ བཙག་འཐུ་འབད་ནིའི་སྐོར་ལས་ ཁྲིམས་ཐོག་བཀོད་དགོ།
་་་༼རྩ་ཚན་༡༢༽
Legislature
- English
1. The National Council shall consist of twenty-five members comprising:
(a) One member elected by the voters in each of the twenty Dzongkhags; and
(b) Five eminent persons nominated by the Druk Gyalpo.
…
3. A candidate to or a member of the National Council shall not belong to any political party.
… (Art. 11) - Dzongkha
༡) རྒྱལ་ཡོངས་ཚོགས་སྡེའི་ནང་ འཐུས་མི་ཉེར་ལྔ་ཡོད་མིའི་གྲངས་ཚུ་ཚུད་དགོཔ་འདི་ཡང་།
ཀ༽ རྫོང་ཁག་ཉི་ཤུ་རེ་རེ་བཞིན་གྱི་ཚོགས་རྒྱན་སྐྱུར་མི་ཚུ་གིས་ བཙག་འཐུ་གྲུབ་པའི་ འཐུས་མི་རེ་དང་།
ཁ༽ འབྲུག་རྒྱལ་པོ་མཆོག་གིས་གདམ་ཁ་གྲུབ་པའི་ཁྱད་ལྡན་གྱི་མི་ངོ་ལྔ།
…
༣) རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་འདེམས་ངོ་ ཡང་ན་ དེའི་འཐུས་མི་ཅིག་ སྲིད་དོན་ཚོགས་པ་ གང་རུང་ཅིག་གི་ ཁོངས་སུ་གཏོགས་ནི་ མེད།
་་་༼རྩ་ཚན་༡༡༽
Legislature
- English
1. There shall be a Parliament for Bhutan in which all legislative powers under this Constitution are vested and which shall consist of the Druk Gyalpo, the National Council and the National Assembly.
…
3. The election of the members of Parliament shall be in accordance with the provisions of the Electoral Laws of the Kingdom.
… (Art. 10) - Dzongkha
༡) འབྲུག་ལུ་སྤྱི་ཚོགས་ཅིག་ཡོད་དགོ་མི་འདི་ལུ་ རྩ་ཁྲིམས་ཆེན་མོ་འདིའི་ནང་གསལ་ལྟར་ཁྲིམས་ བཟོའི་ དབང་ཚད་ཡོངས་རྫོགས་ཡོད་པའི་ཁར་ སྤྱི་ཚོགས་དེ་ནང་འབྲུག་རྒྱལ་པོ་མཆོག་དང་ རྒྱལ་ཡོངས་ཚོགས་སྡེ་ རྒྱལ་ཡོངས་ཚོགས་འདུ་བཅས་ཚུདཔ་ཨིན།
…
༣) སྤྱི་ཚོགས་ཀྱི་འཐུས་མི་ཚུ་གི་བཙག་འཐུ་འདི་ རྒྱལ་ཁབ་ཀྱི་བཙག་འཐུ་དང་འབྲེལ་བའི་ཁྲིམས་ ཀྱི་དགོངས་དོན་དང་འཁྲིལ་ དགོ།
་་་༼རྩ་ཚན་༡༠༽